Thursday, March 30, 2017

དུས་ནམ་ཡང་མི་བརྗེད་རྩ་བའི་བླ་མ།

ཉེ་ཆར་བོད་ལ་ཡོད་པའི་ངོས་ཀྱི་སྙིང་ནས་བརྩེ་བའི་སྲིང་མོ་དེའི་གནས་སྟངས་དེས་རྐྱེན་བྱས་གནས་སྐབས་སེམས་ཁྲལ་བྱུང་ཡང་། ཐག་རིང་འདི་ནས་སེམས་ཁྲལ་ཙམ་གྱིས་མོ་རང་ལ་མི་ཕན་པ་མ་ཟད་ང་ཡི་སེམས་ཁམས་འཁྲུགས་རྐྱེན་དུ་གྱུར་པར་བསམ་ནས་དེ་སྔ་ཕན་ཆོད་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་དེ་བེད་སྤྱོད་བྱས་ཞིང་འཕོང་གདན་དང་མ་བྲལ་བར་བྱས་བསྡད་པས། སེམས་ཁམས་འཁྲུགས་རྒྱུ་ཕར་ཞོག་རྐྱེན་ངན་གྲོགས་སུ་གྱུར་ནས་ཉམས་ལེན་ལ་བོག་འདོན་བཟང་ཙམ་དུ་གྱུར། ནམ་རྒྱུན་ནང་ཆོས་ལས་སྒོམ་ནི་སེམས་ཀྱི་སྨན་ཡིན་གསུངས་པ་ལྟར་དོན་དུ་རང་རེད་འདུག སྲིད་ན་རྙེད་པར་དཀའ་བའི་དམ་ཆོས་སྟོང་ཉིད་ཟབ་མོ་ནོར་བུ་ལྟ་བུ་ཞིག་ངོ་སྤྲད་པའི་བཀའ་དྲིན་འཁོར་མཐའ་བྲལ་བའི་དྲིན་ཅན་རྩ་བའི་བླ་མ་ཁྱེད་དུས་ནམ་ཡང་མི་བརྗེད། བཀའ་དྲིན་ཆེ། 



The situation of my beloved sister these days in Tibet has me worried at the moment. Just worrying about her from afar doesn’t help her, however, and it could drive me crazy! Therefore, when I put to use my former practice of Dharma that I have done up to now through listening, contemplating, and meditating, and continuously remaining on my meditation cushion, far from being mentally disturbed by the situation, by taking negative conditions on to the path, it has given a huge boost to my practice. Meditation on Dharma is said to be medicine for the mind and that is really true! O benevolent root Guru, your kindness in introducing me to the jewel-like profound shunyata of holy Dharma that is so difficult to encounter in this world is impossible for me to ever repay! I will never forget you. Thank you!

No comments:

Post a Comment