Wednesday, November 2, 2016

ཨ་རིའི་འདྲེ་ཡི་དུས་ཆེན་ཉིན་མོ།

ཁ་སང་གི་ཉིན་མོ་དེ་ནི་ཨ་རིའི་འདྲེ་ཡི་དུས་ཆེན་ནམ་ཡོངས་གྲགས་སུ་འབོད་སྲོལ་ལ་Halloween day ཞེས་ཆེས་དུས་ཆེན་ཞིག་ཏུ་ཁེལ་ཡོད། ལུགས་སྲོལ་འདི་ནི་ལྷོ་ཨ་མི་རི་ཀ་དང་ཡོ་རོབ་སོགས་ནས་དར་བའི་ལུགས་སྲོལ་ཞིག་ཡིན་སྐད་འདུག། ཉིན་མོ་འདིར་མི་ཚང་རྣམས་ཀྱི་སྒོ་འགྲམ་དུ་འདྲེ་གཟུགས་གཤམས་པ་དང་། དགོང་མོ་ཕྲུ་གུ་རྣམས་ཁྱུ་ཁྱུ་བྱེད་ནས་མི་ཚང་རེ་རེ་བཞིན་སྒོ་འགྲིམ་བྱེད་ནས་མངར་ཟས་སློང་བའི་ལུགས་སྲོལ་འདུག ཁ་སང་གི་ཉིན་མོ་འདི་ངོས་ཀྱི་ཆོས་ཚོགས་ཀྱི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ་ཡིན། ཆོས་ཚོགས་ཀྱི་དྲུང་ཡིག་ནས་ཕྲུ་གུ་རྣམས་ཀྱི་ཆེད་དུ་མངར་ཟས་མང་དག་ཞིག་ཁུར་འདུག་སྟབས་སྒོ་འགྲམ་དུ་བཞག་ནས་ང་ཚོའི་སྒོ་རྒྱབ་ནས་འཆར་ཅན་གྱི་བདེ་ཆེན་ཞིང་སྒྲུབ་ལ་འཇུག། འདོན་པ་ཚར་བའི་སྐབས་སུ་སྒོ་ཕྱེས་པས་མངར་ཟས་སྣོད་བཅུད་ཡོངས་རྫོགས་གཅིག་ཀྱང་མ་ལྷག་པར་ཕྲུ་གུ་རྣམས་ནས་ཁུར་ཚར་ནས་མི་འདུག ང་ཡི་ཆོས་ཚོགས་ཀྱི་མི་རྣམས་གད་མོ་དི་རིར་སོང་། སྤྱིར་གཏང་ལུང་པ་འདིར་དུས་ཆེན་མི་འདྲ་བ་ཧ་ཅང་མང་པོ་སྲུང་གཙི་བྱེད་རྒྱུ་ཡོད་ཀྱང་ང་ཡི་ཆོས་ཚོགས་ཀྱི་མི་རྣམས་ཀྱིས་ནམ་རྒྱུན་བོད་ཀྱི་དུས་ཆེན་ཁག་དཔེར་ན་ལོ་གསར་དང་། སྐྱབས་མགོན་རིན་པོ་ཆེའི་འཁྲུངས་སྐར། སུམ་བཅུ་དུས་དྲན་སོགས་ལ་དོ་སྣང་ཆེ་བ་ཡོད། 

མི་ཚེ་འདི་ནི་གཡར་པོའི་གནས་མལ་ལ།། 
མི་ཡིས་རྟག་འཛིན་ལོ་བརྒྱའི་གྲབ་གཤོམ་བྱེད།། 
མི་ཚེའི་རིན་ཐང་བདེ་སྐྱིད་དགོས་ན་ཡང་། 
མི་རྣམས་རང་བཞིན་སྡུག་བསྔལ་གནས་སུ་རྒྱུག། 

མི་ཡི་སྤྱི་ཚོགས་གསོན་འདྲེའི་ཚང་དང་འདྲ།། 
མི་དགེའི་སྡིག་ལས་རང་ཁེ་གཞན་ཕམ་གྱིས།། 
མི་དགོས་འཛམ་གླིང་ཕུང་ལ་སྦྱར་ཉེ་བས།། 
མི་བུ་རྣམས་ཀྱིས་ཕྱིས་ནས་བག་ཟོན་གྱིས།།