Tuesday, May 19, 2020

་༅༅། མགུར་གླུ་ཆོས་ཀྱི་ཅོང་བརྡ་གཏི་མུག་གཉིད་དཀྲོག་ཞེས་བྱ་བ་བཞུགས་སོ།། A Dharma Gong to Wake Us from Ignorance





།དྲིན་ཅན་རྩ་བའི་བླ་མ། །ཐར་པའི་ལམ་སྟོན་ཆེན་པོ། 
།བདེ་ཆེན་ཆོས་སྐུའི་ཀློང་ནས། །ཡེ་ཤེས་སྤྱན་གྱིས་གཟིགས་རོགས། 

Most kind and benevolent root Lama,
great revealer of Liberation’s path!
From the space of your Mind of great bliss,
please watch over us with eyes of wisdom!

།བུ་ལ་མོས་གུས་ཡོད་ན། །བླ་མར་རྒྱངས་འབོད་མི་དགོས། 
།འོན་ཀྱང་དེ་རིང་མགུར་གླུ། །ཡེ་ཤེས་དབྱིངས་ནས་གསན་སམ། །
I
If a disciple has devotion
they need not call their Lama from afar.
Yet, from your sphere of timeless wisdom,
will you listen to my Dharma song today?

།དི་རིང་ང་ཡི་བསམ་ཚུལ། །དྲན་ཚད་ཡི་གེར་བཀོད་ནས། 
།ཆོས་གྲོགས་ཕོ་མོ་རྣམས་ལ། །གང་དྲན་ཚུལ་དུ་འབུལ་བསམ། 

I thought, by putting into writing
what I was thinking about today,
I might also offer my thoughts
to my Dharma brothers and sisters.

།ད་རེས་ལུས་རྟེན་འདི་ཉིད། །ཡར་འགྲོ་མར་འགྲོའི་ས་མཚམས། 
།མ་འོངས་བདེ་སྡུག་ཚང་མ། །རང་གི་ལག་ཏུ་ཡོད་འདུག

The body I have right now is a crossroads
from which I can ascend or descend.
All future well-being
is in my own hands.

།མ་ཀི་འཁོར་བའི་སྡུག་བསྔལ། །སུ་ཡིས་བཟོས་པ་མ་རེད། 
།ཡ་ཀི་ཐར་པའི་གྲོང་ཁྱེར། །གང་གིས་བཀོད་པ་མ་རེད།

The suffering of samsara, below,
was not made by anyone.
The city of Liberation, above,
was not built by anyone.

།ཕྱི་ནང་སྣོད་བཅུད་ཐམས་ཅད། །རང་སེམས་ཙམ་ལས་དོན་དུ། 
།ཡུལ་ངོས་བདེན་གྲུབ་མེད་པ། ཁོ་ཐག་སེམས་ནས་བཅད་ཞག།

Beings and the world are just my own mind;
in truth, they don’t exist
from the side of the objects:
Settle, mind, deeply certain of this!

།འཇིག་རྟེན་བདེ་སྡུག་ཚང་མ། །རང་གི་སེམས་ལ་ཐུག་འདུག། 
།སེམས་སྲུང་བརྟུལ་ཞུགས་འདི་ཉིད། །ཆོས་ཀྱི་སྙིང་པོ་རེད་ཞག

All happiness and suffering
meets back to my own mind.
The conduct of training the mind
is the very essence of Dharma.

།འཇིག་རྟེན་མི་ཚེ་འདི་ལ། །དགོས་རྒྱུ་ཧ་ཅང་མང་ཡང་། 
།སྙིང་པོ་དམ་པའི་ལྷ་ཆོས། །འགྲུབ་ན་དེ་ཀས་ལུས་ཆོག། 

In this world, in human life,
there are so many things we need.
But if I realize holy Dharma,
the essence of it all, that is enough.

།ལུས་ཚོར་ཕྱི་ཡི་བདེ་སྐྱིད། །འགྲུབ་ཀྱང་འགྱུར་བའི་སྡུག་བསྔལ།
།སེམས་ཚོར་ནང་གི་བདེ་སྐྱིད། །འགྱུར་མེད་གཏན་བདེའི་བདེ་བ། 

Even if I attain physical, outer happiness
it is the suffering of change.
The feeling of mental, inner happiness
can be unchanging, eternal happiness.

།འཁོར་བའི་ཕྱོགས་ལ་བརྩོན་བརྩོན། །དམ་པའི་ཆོས་ལ་བརྩོན་ན། 
།ཐར་པའི་གྲོང་ཁྱེར་ཨམ་དེ། །ཐག་རིང་དེ་འདྲར་མི་འདུག། 

We are always striving for samsaric things.
If we would put some effort into holy Dharma
the city of Liberation
is not so far away.

།ཡུན་ཐུང་མི་ཚེ་འདི་ལ། །དགོས་པའི་བདམ་ག་མ་ནོར། 
།ནོར་བུ་རང་ལ་ཡོད་བཞིན། འཆིང་བུ་ཕྱི་ནས་མ་འཚོལ། 

Don’t make mistaken choices
about what is urgent in this short life!
While the precious jewel is within
don’t hunt for trinkets outside!

།བདེ་སྐྱིད་སེམས་ནས་རྙེད་པའི། །ཐབས་ལ་འབད་མཁན་མི་འདུག། 
།ཐམས་ཅད་ཕྱི་ཡི་འདོད་ཡོན། །རྨོངས་པས་མགོ་བོ་འཁོར་ཞག།

No one puts effort into the methods
for finding happiness arising within.
Delusion fools everyone
to seek external sense pleasures.

།མ་དུལ་རྨོངས་པའི་སེམས་འདིས། །འབྲས་བུ་འཁོར་བའི་སྡུག་བསྔལ། 
།དུལ་ཞིང་ཞི་བའི་སེམས་འདིས། འབྲས་བུ་ཐར་པའི་བདེ་བ། 

This untamed mind of delusion
results in the suffering of samsara.
A subdued, peaceful mind
results in the bliss of Liberation.

།མདོར་ན་འཁོར་འདས་བདེ་སྡུག། །ཚང་མ་སེམས་ལ་ཐུག་ཞག
།དེ་ཡང་ཡར་འགྲོ་མར་འགྲོ། །ཚང་མ་རང་ལ་ཐུག་འདུག།

Again, happiness and suffering of samsara and nirvana
all meets back to my own mind.
Furthermore, whether I ascend or descend
is entirely up to me.

།ཡར་བལྟོས་ཐར་པའི་བདེ་བ། །མར་བལྟོས་འཁོར་བའི་སྡུག་བསྔལ། 
།གར་འགྲོ་རང་ལག་ཡོད་དུས། །རང་གིས་རང་ཉིད་མ་བསླུ། 

Look up at the bliss of Liberation!
Look down at the suffering of samsara!
While the destination is in my hands,
I must not fail myself!

།རང་སེམས་གཙང་མ་ཡིན་ན། །ཕྱི་མདོག་ངན་རུང་མི་སྐྱོན། 
།མ་རུང་སེམས་ངན་ཁོག་བཅངས། །ཕྱི་ཚུལ་མཛེས་པས་ཅི་ཕན། 

If my own mind is pure
bad outer appearances are not a problem.
If negativity is kept in my mind
what good is outer beauty?

།སེམས་ལ་བགོས་པའི་དྲི་བཟང་། །སྐྱེ་བ་ཕྱི་མར་ཁྱེར་ཆོག། 
།ལུས་ལ་བགོས་པའི་དྲི་ངན། །ཕན་མེད་འགྲོ་སོང་ཙམ་རེད། 

Good fragrance clothing the mind
can be taken to the next life.
Perfume anointing the body
benefits nothing; it just costs a lot!

།དགེ་སྡིག་རྒྱུ་འབྲས་བསླུ་མེད། །དཀར་ནག་ལུས་དང་གྲིབ་མ། 
།འོན་ཀྱང་ད་དུང་སེམས་ཅན། །ཡིད་མི་ཆེས་འདི་ཀྱེ་མ། 

Karmic causality never fails;
good and bad karma shadows me.
Yet there are sentient beings
who still don’t believe it; alas!

།སྔ་མ་ཅི་བྱས་ད་ལྟའི། །ལུས་ལ་བལྟོས་དང་གསལ་ཞིང་། 
།ཕྱི་མ་གར་འགྲོ་ད་ལྟའི། །ང་ཚོའི་ལག་པར་འདུག་གོ། 

How did we act before?
Look at our present body and it is clear.
Where will we go next life?
That is in our hands right now.

།དེ་ཕྱིར་བདག་ཅག་སེམས་ཅན། །ཡང་དག་དམ་ཆོས་སྙིང་པོ།
།དགེ་སྡིག་ལས་ཀྱི་འབྲས་བུ། །མིག་འབྲས་བཞིན་དུ་སྲུངས་ཤིག

Therefore, people, let’s observe the natural law of karma,
this essence of the right and holy Dharma,
and watch over the karma we create
as carefully as we protect our eyeballs!

།རང་སེམས་ཡིད་བཞིན་ནོར་བུ་། །བདག་པོ་རྒྱག་མཁན་མི་འདུག། 
།ཐམས་ཅད་དབང་ལྔའི་རྗེས་སུ། །གཅིག་རྗེས་གཉིས་མཐུད་འབྲངས་སོང་། 

Nobody takes care
of the wish-fulfilling jewel of mind.
Everyone chases the five senses,
one after another.

།རང་ལ་ཆོག་ཤེས་མེད་ན། །སེམས་ལ་ཁེངས་དུས་མི་འདུག
།ཡུན་ཐུང་མི་ཚེ་འདི་ལ། །མང་པོ་དགོས་རྒྱུ་འདུག་གམ།

If I don’t have contentment
my mind will never be satisfied.
Is there so much that I need
for my life, which is so short?

།སེམས་ལ་ཞི་བདེ་མེད་ན། །བསགས་སྲུང་ནོར་གྱིས་ཅི་བྱ། 
།ནོར་གྱི་མཆོག་ནི་ཆོག་ཤེས། །བདེ་སྐྱིད་མཆོག་ནི་གཞན་ཕན།

If I have no peace of mind, what is achieved
by collecting and hoarding wealth?
The supreme wealth is contentment.
The supreme happiness is in helping others.

།ལུས་ལ་ལྟ་སྐྱོང་བྱས་ལྟར། །ཁྱོད་ཀྱིས་སེམས་ལ་བྱས་ན། 
།ད་ལྟའི་སེམས་ནད་དཀའ་ངལ། །ཡུན་རིང་མྱང་དགོས་མི་འདུག།

If we take care of our mind
like we take care of our body,
we will not much longer have to experience
mental difficulties like we do now.

།བུ་ཆུང་ཤར་ཕྱོགས་སྟོར་ཡང་། །མ་ཡིས་ནུབ་ནས་བཙལ་ལྟར། 
།སེམས་པ་ནང་དུ་བཞག་ནས། །བདེ་སྐྱིད་ཕྱི་ནས་མ་འཚོལ།

Don’t be like a mother, searching in the West,
for a child she has lost in the East!
Having turned the mind inwards,
don’t seek happiness outside!

།བདེ་སྐྱིད་རྩ་བ་གཞན་ཕན། །སྡུག་བསྔལ་རྩ་བ་གཅེས་འཛིན། 
།ངོ་མ་བདེ་སྐྱིད་དགོས་ན། །བདག་འཛིན་འདི་ཉིད་སྤངས་རོགས། 

Altruism is the root of happiness.
Self-attachment is the root of suffering.
If you really want happiness, please abandon
this grasping of self!

།ཁ་ནས་མི་རྟག་ཟེར་བཞིན། །དོན་དུ་ཡུན་རིང་འདུག་ཆེས། 
།འཆི་བ་ཐོག་བབས་བྱུང་ན། །མི་འཇིགས་གདེངས་ཞིག་ཡོད་དམ།

Though we talk about impermanence,
We act like we’ll live a long time.
If death comes suddenly by surprise
do we have fearless confidence?

།སེམས་ཉིད་ཡིད་བཞིན་ནོར་བུ། །གད་སྙིགས་ནང་དུ་གཡུགས་ནས། 
།འཁྲུལ་སྣང་མགོ་བོ་འཁོར་བའི། །ཀྱེ་མ་བདག་འདྲའི་སེམས་ཅན། 

Buddha nature is a wishfulfilling jewel.
How sad that sentient beings like myself,
deceived by our hallucinations,
would throw it in the trash!

།རང་སེམས་ངན་པའི་དབང་གིས། །ལུས་ངག་བྲན་ལ་བཀོལ་བྱུང་། 
།དེང་ནས་སེམས་འདི་ང་ཚོས། །བཟང་པོའི་ལམ་ལ་བཀོལ་རོགས།

Our body and speech are enslaved
to our own negative minds.
From now on let’s all please
use our minds for spiritual development.

།དགེ་དང་མི་དགེ་ཚང་མ། །བདེ་དང་སྡུག་བསྔལ་ཐམས་ཅད། 
།རྩད་བཅད་ལེགས་པར་བྱས་དུས། །རྩ་བ་སེམས་འདི་རེད་ཞག། 

Virtue and non-virtue,
Happiness and suffering,
when I really think about it,
the root of it all is mind.

།བསྲུང་རྒྱུ་ལུས་སེམས་གཉིས་ལས། །ཡོད་ཚད་ལུས་ལ་སྤྲད་ནས། 
།སེམས་འདི་བདག་མེད་རེད་ཞག། །དེ་འདྲའི་སེམས་པ་སྐྱོ་བ། 

Between body and mind
we give all care to our body
and leave no one in charge of our mind;
how sad is such an attitude!

།སེམས་ལ་བདག་པོ་རྒྱོབ་དང་། །ཁོ་ཡིས་བདེ་སྐྱིད་སྦྱིན་ཡོང་། 
།སེམས་འདི་བདག་མེད་གཡུགས་ན། །ཁྱོད་ལ་དཀའ་ངལ་སྤྲད་ཡོང་། 
Take care of our mind
and it will grant happiness.
If we leave our mind ownerless
it will give us difficulty.

།དྲི་མེད་འོད་གསལ་རིག་མཛོད། །ཉོན་མོངས་གད་སྙིགས་མ་བཀང་། 
།རྙེད་དཀའི་མི་ལུས་རིན་ཆེན། །འཁོར་བའི་བྲན་གཡོག་མ་བྱེད། 

Don’t fill the stainless treasury of luminous awareness
with the garbage of delusion!
Don’t make this difficult-to-find
precious human life a slave to samsara!

།ལྟད་མོ་ཕྱི་ལ་མ་བལྟ། །ནང་ལ་ལྟད་མོ་བལྟོས་དང་། 
།སྔར་མ་མཐོང་བའི་ལྟད་མོ། །བསོད་ནམས་ཡོད་ན་རྙེད་ཡོང་། 

Don’t look for shows outside;
watch the show inside!
If you are lucky you’ll discover
a show like never seen before!

།མཛུབ་མོ་ཕྱི་ལ་གཙུགས་ནས། །གཞན་གྱི་སྐྱོན་འཚང་མ་སྔོག།
།མཛུབ་མོ་ནང་དུ་བཙུགས་ནས། །རང་ལ་ཞུ་དག་གཏོང་རོགས། 

Don’t dig for other’s faults!
Don’t point your finger outward!
Pointing your finger inward,
correct your own mistakes, please!

།ཕྱི་ཡི་དཔལ་འབྱོར་ཁང་ཁྱིམ། །སྲུང་ལ་ཉིན་མཚན་བྲེལ་ཅིང་། 
།ནང་གི་སེམས་ཉིད་འདི་ལ། །བདག་པོ་རྒྱག་མཁན་མི་འདུག།

Taking care of external house and wealth
keeps us busy day and night,
leaving no one to take care of
the inner essence of our mind.

།ཀྱེ་མ་འཁོར་བའི་སེམས་ཅན། །མི་ཡི་ལུས་རྟེན་འདི་ལ། 
།དགོས་པ་ངོ་མ་གང་ཡིན། །ཞིབ་ཏུ་བསམ་བློ་གཏང་རོགས། 

Alas, samsaric sentient beings!
Please think carefully
about what is the true purpose
of our human lives!

།བདེ་བ་སེམས་ནས་འདོད་ཀྱང་། །སྡུག་བསྔལ་རྒྱུ་ལ་འབད་ཅིང་། 
།འབྲས་བུ་སྡུག་བསྔལ་མྱོང་བའི། །ཀྱེ་མ་བདག་འདྲའི་སེམས་ཅན། 

It is so sad, poor beings like myself!
We want happiness in our minds
yet apply ourselves to actions that cause suffering
and have to experience the painful results.

།བདེ་སྡུག་འཁོར་འདས་གཞི་མ། །ཀུན་བྱེད་དབང་གི་རྒྱལ་པོ། 
།སེམས་ཞེས་ད་ལྟའི་རིག་པ། །ཐམས་ཅད་འདི་ལ་ཐུག་འདུག། 

The basis of happiness, suffering, samsara, nirvana,
the powerful king creator of it all,
we call ‘mind,’ this present awareness;
it all meets back to that.

།སྒྱུ་མའི་གྲོང་དུ་འཁྱམས་པའི། །རང་འདྲའི་སེམས་ཅན་ཐམས་ཅད། 
།རྨོངས་པའི་གཉིད་ལས་གྲོལ་ནས། །ཤེས་རབ་སྣང་བ་རྒྱས་ཤོག། 

May all sentient beings like myself,
who wander in the cities of illusion,
be awakened from deluded slumber
and expand in light of wisdom.

།འཁྲུལ་སྣང་འཁོར་བར་འཁྱམས་པའི། །མ་རྒན་སེམས་ཅན་ཐམས་ཅད། །
།གཏན་བདེ་ཡང་དག་ལམ་ལ། །མྱུར་དུ་འགོད་པར་གྱུར་ཅིག། 

May all aged mother sentient beings,
who wander through deceptive appearances of samsara,
quickly be set onto a perfect path
to eternal happiness.

ཅེས་མགུར་གླུ་ཆོས་ཀྱི་ཅོང་བརྡ་གཏི་མུག་གཉིས་དཀྲོག་འདི་ཉིད་ཀྱང་། དེང་དུས་ཕྱི་དངོས་པོ་ཡར་རྒྱས་ཚད་མཐོར་སླེབས་པའི་སྐབས་སུ་མི་རྣམས་ཕྱིའི་འདོད་ཡོན་གྱི་རྣམ་གཡེངས་ལ་མགོ་བོ་
འཁོར་དྲགས་ཅིང་།དེས་རྐྱེན་གྱིས་ལུས་སེམས་གཉིས་ལ་གཅིག་རྗེས་གཉིས་མཐུད་ཀྱིས་དཀའ་ངལ་སྣ་ཚོགས་འཕྲད་པ་དངོས་སུ་མིག་མཐོང་དུ་སོང་བའི་རྐྱེན་བྱས། རྟག་པར་གཞན་ལ་ཁ་ཕྱི་བལྟས་སུ་བཤད་ཆོས་སུ་མ་སོང་བརརང་ཉིད་ལ་དམ་པའི་ཆོས་ཀྱི་དྲན་བསྐུལ་དང་དེ་ཉིད་ཚུལ་བཞིན་སྒྲུབ་པ་དམ་བཅའ་དང་བཅས་ཞོར་དུ་བདག་འདྲའི་སོ་སྐྱེ་ཐ་ཤལ་བ་འགའ་རེ་ལའང་ཕན་པའི་བསམ་པས་ཀུན་ནས་
བསླང་སྟེ། ཆོས་སྨྲ་བའི་མིང་འཛིན་མཁན་པོ་ཀར་བསྟན་ནས་༢༠༢༠ སྤྱི་ཟླ་༥ ཚེས་པ་༦ ཉིན་ཨ་རིའི་བྱང་ཕྱོགས་ཁ་ལི་ཧྥོ་ནི་ཡ་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་སུ་གནས་འཆའ་བའི་འཇམ་དབྱངས་ཆོས་འཁོར་གླིང་ནས་ཕུལ་བས། ཀུན་ཀྱང་ཡང་དག་ལམ་གྱི་སྣང་བས་འཚོ་ཞིང་ལུས་སེམས་བདེ་དགའ་རྒྱ་མཚོར་གནས་པའི་རྒྱུ་གྱུར་ཅིག། སརྦ་མངྒ་ལམ། བཀྲ་ཤིས་བདེ་ལེགས།

         About this Dharma Gong to Wake Us From Ignorance, I wrote it upon seeing how, these days, when technological development has reached such heights, people are tremendously distracted to outer sense objects, and so experience many physical and mental problems one after another. In addition, as Dharma is not taught by always looking outwards at others, I have written it as a reminder and exhortation to myself; and as my own commitment to practice accordingly. Along with that, I thought if I wrote it down it might also benefit a few people who are like me. It is with this motivation that I, Dharma teacher Khenpo Karten, offer this, written on the 6th of May, 2020 from Manjushri Dharma Center, situated on the shore of the Pacific Ocean in California, North America. May this be a cause for all beings to live by the light of a perfect path, and to have endless bliss of body and mind.



Sarva Mangalam   Tashi Deleks

English translation by Jampa Tharchin

No comments:

Post a Comment